རྫོང་ཆོས་གར་འཆམ།
ZONGCHOE CHAM
Date: 25th feb 2025
Time: 8 am to 5 pm
Venue: dzongkar choede monestery
《གཡག་བཟང་གར་འཆམ་འཁྲབ་དུས་ཀྱི་གསལ་བསྒྲགས།》
༄༅། །མཚུངས་མེད་དད་ལྡན་སེར་སྐྱ་མི་མང་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར། དགོངས་མངའ་བཞིན་འདི་ག་གྲྭ་ཚང་གིས་ནམ་ཀུན་ལོ་ལྟར་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་བདེ་ཐབས་སླད་ཉིན་གཉིས་ཀྱི་སྒྲུབ་པ་སྔོན་དུ་སོང་བའི་གཡག་བཟང་གར་འཆམ་འཁྲབ་བཞིན་པ་ལྟར།
འདི་ལོའི་གར་འཆམ་འཁྲབ་དུས་ནི་བོད་ཟླ་ ༡༢ ཚེས་ ༢༧ དང་། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༢ པའི་ཚེས་ ༢༥ རེས་གཟའ་མིག་དམར་ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ པ་ནས་ཕྱི་དྲོའི་ཆུ་ཚོད་ ༥ པའི་བར་ནམ་རྒྱུན་ལྟར་གཏན་འཁེལ་སོང་བ་དེ་དོན་དགོངས་འཇགས་ཞུ། རྫོང་ཆོས་གྲྭ་ཚང་ནས། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣༠ ཉིན།
