རྫོང་ཆོས་ནང་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སློབ་གཉེར་བ་རྣམ་ལ་རྒྱུན་པའི་ཀུན་སྤྱོད་དང་སློབ་གཉེར་གྱི་རིམ་པ་དང་། དམིགས་གསལ་རིང་མིན་རྣམ་འགྲེལ་ཆོས་ཐོག་དབུ་འཛུགས་ལ་ཉེ་བས་དེ་འབྲེལ་སློབ་གཉེར་བའི་གནང་ཕྱོགས་སོགས་གང་ཅིར་བླང་དོར་བཀའ་སློབ་ཟབ་རྒྱས་གནང་ཞིང་།
ལྷག་པར་དེང་གི་ཏོག་དབྱིབས་ཀྱི་ནད་རིམས་གང་སར་འཕེལ་བའི་སྐབས་འབྲེལ་ཡོད་ལས་བྱེད་དང་འདུས་མང་ཚང་མས་གང་ཅིར་དམ་དོན་ལྷོད་མེད་ཐུགས་འཁུར་ཆེ་བསྐྱེད་གནང་བས་ད་བར་དཀའ་ངལ་གང་ཡང་བྱུང་མེད་པས་སློབ་གཉེར་བ་དང་འདུས་མང་ཡོང་ལ་ཐུགས་རྗེ་ཆེ་གསུངས་ཤིང་།
སླད་གནས་དུས་གང་དུའང་ཏོག་དབྱིབས་སྔོན་འགོག་གནང་ཕྱོགས་དང་འབྲེལ་བའི་ལམ་སྟོན་དང་བཀའ་སློབ་ཞིབ་རྒྱས་གནང་།
སློབ་དཔོན་དང་དགེ་བསྐོས་མཆོག་ནས་ཀྱང་མཇུག་ཏུ་བཀའ་སློབ་དང་ལམ་སྟོན་གནང་།