༢༠༢༢ ཟླ་ ༦ ཚེས་ ༡༦ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་གནས་ཡུལ་ས་གནས་རྒྱ་གར་ Hunsure གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་པོ་ MLA Shri.
H.P. Manjunath MLA མཆོག་གི་སྐུའི་འཁྲུངས་སྐར་ལ་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་གྲྭ་ཚང་གི་ཕྱག་མཛོད་རྒན་ཐུབ་བསྟན་སྐལ་ལྡན་ལགས་རྣམ་གཉིས་ཆེད་བཅར་ཀྱིས་འཁྲུངས་སྐར་ལ་འཚམས་འདྲིདང་ཕྱག་རྟགས་ཕུལ་ཞིང་། འདས་པའི་དུས་ཡུན་ཁྲོད་ཧོན་སུར་བོད་མིའི་གཞིགས་ཆགས་སུ་གང་ཅིའི་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་ཆེ་ཞུ་དང་འབྲེལ་སླད་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་ཞུས།
MLA Shri. H.P. Manjunath མཆོག་ཁོང་ནི་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ལམ་བཟོ་ལ་སོགས་པའི་ལས་དོན་གང་ཅིར་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་ས་གནས་གནད་ཡོད་རྒྱ་གར་ཀྱི་དཔོན་རིགས་མཐོ་གྲས་ཤིག་དང་བོད་མིར་སྙིང་ཉེ་བའི་བོད་མིའི་མཛའ་གྲོགས་རྙིང་གྲས ཤིག་ཀྱང་ཡིན་པ་རེད།