རང་བྱུང་འཕགས་པའི་སྐུ་ཇོ་བོ་ཝ་ཏི་བཟང་པོའམ། ཡོངས་གྲགས་ཁ་རྒྱུན་ལ་སྐྱིད་གྲོང་ཇོ་བོ་ཞེས་འབོད་པའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྐུ་བརྙན་འདི་བཞིན་བོད་གངས་ཅན་ལྔོངས་སྣོད་བཅུད་ཡོངས་ལ་དུས་འགྱུར་མི་བཟད་པ་བྱུང་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་གདན་དྲངས་ཐུབ་པའི་བོད་ཀྱི་སྐུ་གསུང་ཐུགས་རྟེན་གྱི་གྲངས་ལས་འདས་པའི་ཞིག་ཡོད་རུང་། དེ་དག་གི་ཁྲོད་ནས་བོད་བཙན་པོའི་དུས་རབས་དང་འབྲེལ་བའི་ལོ་རྒྱུས་ཀྱི་བྱུང་བ་ཡུན་རིང་ཤོས་དང་། སྐུ་ཚད་ཀྱང་ཆེ་གྲས་དང་། དེ་བཞིན་༧གོང་ས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་འབྲེལ་ཟབ་པའི་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་སྐུ་ལ་ཉམས་ཆག་འཐོར་སྐྱོན་མ་བྱུང་བའི་སྐུ་བརྙན་བོད་འབངས་སྤྱིའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་དུས་ད་ལྟའང་བཞུགས་པའི་སྐུ་རྟེན་རྩ་ཆེ་ཤོས་ཤིག་ཡིན།
Jowo Wati Sangpo is a self-manifested sandalwood statue of Lord Avalokiteshvara. This image is popularly known as Kyirong Jowo. Since the historic upheaval of Tibet in mid-20th century countless sacred statues of enlightened beings, scriptures and other artefacts have escaped into exile in India and other parts of the world. This statue of the Deity of Compassion stand out amongst all of them for several reason: 1. Because of its connection with King Songtsen Gampo (7th cent.) it has the longest history and is the oldest statue. 2. Because of its close and deep connection with His Holiness the Dalai Lamas, it is a most blessed and revered icon of Avalokiteshvara in exile. 3. It is perhaps the largest statues that has reached in exile without any damage, and 4. being an image of Avalokiteshvara it has a special affinity with Tibet and Himalaya people and we are fortunate to have the opportunity to pray and make offerings to him.