Guthor Champ Dance 2020 Tibetan New Year 2020 Here the details of FCR bank account. Our monastery Reception office New Phone Number: 08222295058 Exam The Great Consecration Ceremony, through Vajrabhairava (Yamantaka) Our Monastery Abbot, Jampa Sopa La with three senior monks Creation of Avalokiteshvara The 600th Anniversary of Great Lama Tsongkhapa’s Parinirvana, Summer Retreat special prayers His Holiness the 42nd Sakya Trizin made short visit to Hunsur Tibetan Settlement and Dzongkar Choende Monastery. Special prayers Saka Dawa special prayers

Summer Retreat special prayers

Admin    06 Sep 2019    399

འདི་ག་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་རྡུལ་མཚོན་དཀྱིལ་འཁོར་ལ་བརྟེན་པའི་བཅོལ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་མཆོད་ཆེན་མོ་ཁ་སྐོང་སྦྱིན་བསྲེགས་དང་བཅས་པ་ལོ་ལྟར་ཚོགས་བཞིན་པ་ལྟར་འདི་ལོ་ཡང་དཀྱིལ་འཁོར་བཞེངས་བསྐྲུན་ལ་སོགས་པའི་སྔོན་འགྲོའི་བྱ་བ་རྣམས་ཟིན་ནས་སང་ཉིན་ནས་བཟུང་བདུན་གཅིག་ལ་ཉེ་བའི་རིང་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་མཆོད་ཆེན་མོ་དངོས་སུ་འགོ་འཛུགས་ཞུ་རྒྱུ་ལགས་ན་། འདི་ལྟར་འབད་པའིདགེ་བའི་ཚོགས་ཇི་སྙེད་ཅིག་ཐོབ་པ་དེ་དག་གིས་འདི་ཕྱིའི་མགོན་སྐྱབས་དམ་པ་༧སྤྱི་ནོར་༧གོང་ས་རྒྱབའི་དབང་པོ་མཆོག་གིས་དབུས་རེས་མེད་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཡར་ཟླའི་དཔལ་ལ་འགྲན་ཅིང་རྨད་འབྱུང་བསྟན་འགྲོའི་མཛད་བཟང་གོང་དུ་འཕེལ་ཞིང་། འགྲོ་ཀུན་ཆོས་འབྱོར་བདེ་དགས་རྟག་ཏུ་འཚོ་བའི་རྒྱུར་འགྱུར་བའི་སྨོན་འདུན་ཤུགས་དྲགས་ཞུ།
ཕྱོགས་དང་མཚམས་སུ་འཁོད་པའི་དད་ལྡན་རྣམ་པས་ཀྱང་ཐུགས་སྨོན་མཚམས་སྦྱོར་རྒྱ་མི་ཆུང་བ་རེ་ཅིས་ཀྱང་གནང་བར་ཞུ།