བོད་ཟླ་བཞི་པའི་ཚེས་ ༡༡ ནས་ ༡༦ བར་ས་ག་ཟླ་བའི་དུས་བཟང་ཁྱད་པར་ཅན་དང་བསྟུན་འདི་ག་བྱེས་ཀྱི་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། ལྷག་པར་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་དམ་པ་རྣམས་རང་ཅག་འགྲོ་བའི་མགོན་དུ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། འགྲོ་ཀུན་ཆོས་འབྱོར་བདེ་དགས་རྟག་ཏུ་འཚོ་ཞིང་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པ་སོགས་ཀྱི་ཆེད་དུ་དམིགས་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྡུལ་མཚོན་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་མཆོད་ཆེན་མོ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ཚོགས་གནང་རྒྱུ།
༡༽ ཕྱི་ཟླ་ 5 ཚེས་ 31 ནས་ཕྱི་ཟླ་ 6 ཚེས་ 5 བར་གསང་བ་འདུས་པའི་སྒྲུབ་མཆོད།
༢༽ ཕྱི་ཟླ་ 6 ཚེས་ 5 ཉིན་སྦྱིན་སྲེག་དང་ཀླུའི་ཆོ་ག་བཅས་བསྒྲུབ་རྒྱུ།
དུས་ཡུན་དེ་དག་གི་རིང་དང་རྒྱུན་པར་གྲྭ་ཚང་འདི་ཉིད་ལ་མཆོད་ཅིང་བསྙེན་བཀུར་བའི་དད་ལྡན་སྦྱིན་བདག་འགྲོ་བ་འདས་སོན་ཡོངས་ལའང་བཀའ་དྲིན་རྗེས་དྲན་དང་། སྦྱིན་བདག་སོ་སོའི་ནང་མི་ཉེ་འབྲེལ་དང་བཅས་པར་མི་འདོད་པའི་ཉེར་འཚེ་ཞི་ནས་ཆོས་མཐུན་བསམ་པའི་དོན་ཀུན་ཅི་བསམ་ལྟར་འགྲུབ་པའི་ཐུགས་སྨོན་གསོལ་འདེབས་ཤུགས་དྲག་ཞུ།