༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་ཆེའི་བཀའ་དྲིན་དང་ཐུགས་བརྩེའི་ལམ་སྟོན་གྱིས་ཉེ་བར་འཚོ་བའི་འདི་ག་བྱེས་ཀྱི་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་དགེ་འདུན་པ་ཞལ་གྲངས་ ༧༧ ཙམ་གྱིས་༧རྒྱལ་བའི་སྐུ་ཕྱྭ་དང་སྤྱི་སཉགོས་བསྟན་འགྲོའི་དོན་དུ་ ༢༠༢༡-༣-༡༤ ནས་ ༢༠༢༡-༤-༢༤ བར་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་སྣང་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན། སྙིང་གི་རྒྱ་ཅན་ལས་བྱུང་བའི་འཕགས་མཆོག་འཇིག་རྟེན་དབང་ཕྱུང་ལྷ་དགུའི་ལས་རུང་གི་བསྙེན་མཚམས་སྦྱོར་དངོས་མཇུག་གསུམ་ཆ་ལག་དང་བཅས་པའི་ལེགས་པར་གྲུབ།