All the senior monks are on retreat prayers of Avalokiteshvara the Buddha of compassion for 1 and half months and we always dedicate and pray for you to fulfill all your wishes. SENIOR MONKS’ RETREAT Great Compassionate Lord of the World (Chenrezig Jigten Wangchuk) retreat associated with Supreme Jowo Wati Zangpo. Guthor Champ Dance Notice Annual Exam White Umbrella special prayer Dukar Torchen Gyurmey Monastery Abbot his kind visit to our monastery Given speech by Abbot, Khen Rinpoche Sopa la Special prayer floods in Vietnam Debate Hall Windows Order of Australia Meda prize Honored by Venerable, Geshe, Tashi Tsering Rinpoche Lak. Summer retreat special prayer MLA HP MANJUNATH kind visit to our monastery

MLA HP MANJUNATH kind visit to our monastery

Admin    13 May 2020    486

MLA HP Manjunath his kind visit to out monastery.

རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ MLA དབུ་བཞུགས་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བསྔོ་སྨོན། རྒྱ་གར་ཡུལ་མི་ཉམ་ཐག་དཀའ་ངལ་ཅན་ལ་སྐམ་ཟས་བགོ་འགྲེམས་དང་གདུང་སེམས་མཉམ་བསྐྱེད།

MLA HP MANJUNATH
མཆོག་གི་གཏམ་བཤད།
རྫོང་དཀར་ཆོས་སྡེ །
2020-5-12

རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་རྒྱ་གར་ཡུལ་མི་ཉམ་ཐག་པའི་ཁྱིམ་ཚང་༡༠༠༠ ལྷག་ལ་སྐམ་ཟས་བགོ་འགྲེམས་གནང་འཆར་གྱི་སྔོ་འགྲོར་འདི་ག་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ Hunsur སྤྱི་ཁྱབ་རྒྱ་གར་དཔོན་རིགས་ MLA མ་ཇུ་ནཱ་ད་མཆོག་གདན་ཞུས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱིས་འཆི་རྐྱེན་བྱུང་བ་དག་ལ་བསྔོ་སྨོན་དང་། ནད་ཀྱིས་ཟིན་པ་རྣམས་མྱུར་དུ་དྲག་ཕྱིར་དང་། ཏོག་དབྱིབས་གཉན་རིམས་གྱི་འཇིགས་པ་དེ་ཉིད་མྱུར་དུ་ཞི་བའི་ཕྱིར་བསྔོ་སྨོན་གྲུབ་བསྟུན་ MLA མཆོག་ནས་དགོས་ངེས་ཅན་གྱི་ཉམ་ཐག་པའི་ཁྱིམ་ཚང་དག་ལ་གྲྭ་ཚང་ནས་སྐམ་ཟས་བགོ་འགྲེམས་ད་ལམ་ཙམ་མིན་པར་ལན་མང་གནང་བ་དང་དེ་བཞིན་ས་གནས་གཞིས་མི་དང་བོད་རིགས་གང་དུ་ཡོད་སའི་བོད་རིགས་ཚང་མས་དེ་ལྟར་གནང་བཞིན་པར་བསྔགས་བརྗོད་གནང་ཞིང་།

ཁོང་གི་ཕྱོགས་ནས་་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ལམ་བཟོ་དང་། ཆུ་མཛོད་སོགས་ཀྱི་ལས་འཆར་ཁག་གང་མགྱོགས་བསྒྲུབ་པར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་།

མཇུག་ཏུ་ MLA མཆོག་ནས་གྲྭ་ཚང་དང་གཞིས་ཆགས་ཀྱིས་ད་བར་རྒྱ་གར་མང་ཚོགས་ལ་དཀའ་ངལ་ཆེ་བའི་དུས་སྐབས་དེ་དག་ཏུ་འཚོ་རྟེན་དཀའ་ངལ་ཅན་དུ་ཡོད་པའི་ཡུལ་མི་མང་པོར་བླ་ན་མེད་པའི་རོགས་སྐྱོར་རྒྱ་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ལེགས་འབུལ་མཚོན་ཕྱིར་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་ས་གནས་འགོ་འཛིན་འབྲེལ་ཡོད་བོད་མི་གནད་ཡོད་རྣམ་པར་རྒྱ་གར་ལུགས་སྲོལ་གྱི་དར་གོས་དང་མེ་ཏོག་གི་འཕྲེང་བ་བཅས་ཕུལ་ནས་ཐུགས་རྗེ་ཆེ་ཞུས་གནང་སོང་བ་བཅས།

ཞིབ་གནས།