All the senior monks are on retreat prayers of Avalokiteshvara the Buddha of compassion for 1 and half months and we always dedicate and pray for you to fulfill all your wishes. SENIOR MONKS’ RETREAT Great Compassionate Lord of the World (Chenrezig Jigten Wangchuk) retreat associated with Supreme Jowo Wati Zangpo. Guthor Champ Dance Notice Annual Exam White Umbrella special prayer Dukar Torchen Gyurmey Monastery Abbot his kind visit to our monastery Given speech by Abbot, Khen Rinpoche Sopa la Special prayer floods in Vietnam Debate Hall Windows Order of Australia Meda prize Honored by Venerable, Geshe, Tashi Tsering Rinpoche Lak. Summer retreat special prayer MLA HP MANJUNATH kind visit to our monastery

Distribution of Face masks, Gloves and Hand Sanitizers.

Admin    15 Apr 2020    339

ཉེས་རྟོགས་པར་ནད་འབུ་འགོག་སྲུང་གི་མཐུན་འགྱུར།
Monastery providing prevention supplies to the respected Polices Station, Hospitals & Old age homes, Indian poor labours who depend on daily wages.
2020/4/12 Distribution of Face masks, Gloves and Hand Sanitizers.

དེང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་༡༩ པའི་ནད་ཡམས་འགོག་སྲུང་ཐད་ཉིན་ལྟར་དངོས་སུ་ཁ་བཏད་གདོང་ལེན་གནང་མཁན་གྱི་ཕྱོགས་གཅིག་ནི་སྨན་པ་དང་སྨན་ཞབས་པ། ནད་གཡོག་སོགས་ཡིན་ལ། ཕྱོགས་གཞན་ཞིག་ནི་སྤྱི་དམངས་བདེ་འཇགས་ཉེས་རྟོག་པ་དག་ཡིན་པ་རེད། ང་ཚོས་ཁོང་རྣམ་པ་ཚང་མར་ཡིད་རང་བསྔགས་བརྗོད་ཞུ་བཞིན་ཡོད་ལ། དེ་མཚུངས་ང་ཚོའི་གནས་ཡུལ་གྱི་ཉེ་འཁོར་རྒྱ་གར་ས་གནས་གྱི་གྲོང་རྡལ་དང་གྲོང་འཁྱེར། གཞུང་ལམ་སོགས་སུ་ང་ཚོའི་བདེ་སྲུང་ཆེད་ཉེ་རྟོག་ས་ཚིགས་མང་དགཅིག་ཏུ་ཉེས་རྟོག་པ་མང་དག་ཅིག་ནས་ངལ་བ་ཆེན་པོས་ང་ཚོའི་བདེ་འཇགས་ཆེད་ལས་དོན་གཉེར་བཞིན་ཡོད་པ་རེད། དེ་རིང་འདི་ག་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་ངོས་ནས་མཁན་རིན་པོ་ཆེ་ མཁན་མིང་བྱམས་བཟོད་། Abbot Jampa Sopa མཆོག་དང་། ཕྱག་མཛོད་རྒན་བྱམས་པ་སྟོབས་རྒྱས་ Jampa Topgyal ལགས། དགེ་འདུན་པའི་འཕྲོད་བསྟེན་འགན་འཁུར་བ་རྒན་བྱམས་པ་རྒྱལ་ Jampa Namgyal གསུམ་ Hunsure ཁུལ་དུ་ནད་འབུ་སྔོ་འགོག་ལ་མཁོ་བའི་ཁ་རས་དང་། ལག་ཤུབ། ལག་འཁྲུའི་རྫས་ཆུ་སོགས་ཀྱི་ཆ་རྐྱེན་ཞན་པའི་ཉེ་རྟོགས་ས་ཚིགས་ཆེ་ཆུང་བདུན་ཙམ་ལ་བཅར་ནས་ཁྱོན་ཉེ་རྟོག་པ་བརྒྱད་བཅུ་ལྷག་ལ་ཁོང་ཚོའི་བདེ་སྲུང་ཆེད་ལག་ཤུབ་དང་། ཁ་རས། ལག་འཁྲུའི་རྫས་ཆུ་བཅས་ཞལ་འདེབས་འགྲེམས་སྤེལ་ཞུས་པ་དང་སྦྲགས་མཁན་རིན་རིན་པོ་ཆེ་མཆོག་ནས་རྒྱ་གར་གཞུང་དམངས་ནས་ད་བར་༧གོང་ས་མཆོག་གིས་དབུས་བོད་རིགས་མི་མང་ལ་གང་ཅིར་མཐུན་འགྱུར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཞིང་། ཉེས་རྟོགས་པ་རྣམ་པར་བསྔགས་བརྗོད་དང་། སྤྱི་པའི་ལས་དོན་སྒྲུབ་བཞིན་པ་དང་ལྷན་དུ་རང་གི་བདེ་ཐང་ལའང་ཐུགས་འཁུར་གནང་གལ་ཆེ་བའི་དྲན་བསྐུལ་གནང་། དེ་བཞིན་ས་གནས་དེ་གར་ཡོད་པའི་རྒྱ་གར་གྱི་དྭ་ཕྲུག་གསོ་སྐྱོང་ཁང་ཞིག་ཏུ་དྭ་ཕྲུག་བཞི་བཅུ་ཙམ་ལའང་ནད་ཡམས་འགོག་སྲུང་སླད་མཁོ་བའི་ཁ་རས་དང་ལག་འཁྲུའི་རྫས་ཆུ་ཞལ་འདེབས་འགྲེམས་སྤེལ་ཞུ་ཐུབ་པ་བྱུང་ཞིང་། དེ་ལྟར་འབད་པའི་དགེ་བའི་ཚོགས་ཅུང་ཟད་ཅིག་མཆིས་ན་དེས་རང་ཅག་རྣམས་ཀྱི་འདི་དང་ཕྱི་མའི་སྐྱབས་གཅིག་ཕྱག་ན་པདྨོ་མཆོག་རང་ཅག་བསོད་ནམས་ཀྱི་སྐལ་བར་སྐུ་ཞབས་པད་བརྟན་པ་དང་། དེ་བཞིན་རེས་མེད་པའི་སྐྱེས་བུ་དམ་པ་ས་ཕྱོགས་གང་ན་སུ་བཞུགས་རྣམས་སྐུ་ཚེ་བརྟན་པ་དང་། ཏོག་དབྱིབས་གཉན་རིམས་༡༩ དེས་མནར་བཞིན་པའི་ཉམས་ཐག་པའི་འགྲོ་བ་ཀུན་ནད་ཡམས་དེའི་འཇིགས་པ་ལས་མྱུར་དུ་གྲོལ་བ་དང་སླད་འགྲོ་བ་སུ་ལའང་དེ་དང་དེ་འདྲའི་རྐྱེན་ངན་བར་ཆད་མི་མཐུན་པའི་ཆ་ཕྲ་མོ་ཙམ་ཡང་མི་ཡོང་བར་ཀུན་གྱིས་བསྔོ་སྨོན་མཚམས་སྦྱོར་ཡོང་བ་ཞུ།