ཆོས་རྭ་གསར་པའི་རྟེན་གཙོ། གཟུངས་སྒྲུབ་དང་གཟུངས་འབུལ། རབ་གནས།
རྫོང་དཀར་ཆོས་སྡེ་གྲྭ་ཚང་།
༢༠༢༡-༡༠-༣༡
སྐྱབས་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་བྱེས་ཀྱི་རྫོང་དཀར་ཆོས་སྡེ་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་ཆོས་རྭ་གསར་པའི་རྟེན་གཙོ་ཐུབ་པའི་དབང་པོ་དང་། རྗེ་ཙོང་ཁ་བ་ཆེན་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་སྣང་བརྙན་མཐོང་གྲོལ་རིན་པོ་ཆེའི་གཟུངས་སྒྲུབ་དང་གཟུངས་འབུལ་རབ་གནས་དང་བཅས་པ་ལེགས་པར་གྲུབ་པ། དད་ལྡན་སྦྱིན་བདག་རྣམས་དང་འབྲེལ་གཏོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
བསླབ་པ་གསུམ་ལྡན་ངུར་སྨིག་འཛིན་པ་ཡིས། །
འདུས་པའི་ཚོགས་ཀྱིས་གནས་འདི་ཡོངས་གང་ཞིང་། །
རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །
ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །
སྦྱིན་བདག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །
ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །
ནད་གདོན་འགེག་སོགས་བར་དུ་གཅོད་པའི་ཚོགས།
ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །