Summer retreat prayer for one and half months Dzongkar Choede senior monks are performing special consecration ritual prayer Saka Dawa Special Prayers For A Week Special prayer Nalanda pilgrimage Our monastery small monks in Bodh Gaya for Pilgrimage Small monks arrived in New Delhi Champ Dance 13 deities of Yamantaka rituals 《ཆོས་བརྡ་གསལ་བསྒྲགས།》 His Eminence 104th Gaden Tri rinpoche kind visit to our monastery Special exhibition on climate change

《ཆོས་བརྡ་གསལ་བསྒྲགས།》

Admin    01 Oct 2017    72

༄༅། ། འཇམ་མགོན་རྒྱལ་བའི་གདུང་འཚོབ་མཚུངས་མེད་༧ཆོས་ཀྱི་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་རིང་མིན་ ༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༧ ནས་གཤམ་གྱི་རེ་མིག་ནང་གསལ་ལྟར་ལམ་གཙོ་རྣམ་གསུམ་གྱི་བཀའ་འཁྲིད་དང་། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་སོགས་བསྩལ་གནང་མཛད་རྒྱུའི་ཐུགས་གཏན་འཁེལ་བ་ལགས་ན་ཐུགས་སྣང་ཅན་ཚོས་དེ་ལུགས་དགོངས་འཇགས་ཡོང་བའི་གསལ་བསྒྲགས་སུ།

མཛད་རིམ་ཟླ་དུས་ཇི་ཡིན།

༡༽ ཟླ་ ༡༠ ཚེས་ ༥ དང་ ༦ ཉིན་གྱི་སྔ་དྲོ་ནས་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་གནང་རྒྱུ།

༢༽ ཟླ་ ༡༠ ཚེས་ ༧ དང་ ༨ ཉིན་གྱི་སྔ་དྲོ་ཚུ་ཚོད་ ༩ ནས་ལམ་གཙོའི་རྣམ་གསུམ་གྱ་བཀའ་འཁྲིད།

༣༽ ཟླ་ ༡༠ ཚེས་ ༩ ཉིན་གྱི་ཕྱི་དྲོ་ཚུ་ཚོད་ ༢ ནས་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གི་སྟ་གོན།

༤༽ ཟླ་ ༡༠ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཚུ་ཚོད་ ༢ ནས་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དངོས་གཞི།

༥༽ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཚུ་ཚོད་ ༩ ནས་རྗེ་བཙུན་སྒྲོལ་མའི་རྗེས་གནང།

འབྲེལ་གཏུགས་ཁ་པར་ཨང་། 

08222 46055 / 0878 9208574

07829030218 / 07899163807

རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་ ༢༠༡༧ ཟླ་ ༩ ཚེས་ ༢༥ ཉིན།།